བཟོ་རིག་སྡེ་ཚན།

༡ བཟོ་རིག་ལཱ་གི་སྔོན་འགྲོའི་འཆར་གཞི་དང་བཟོ་བཀོད་ འཕྲུལ་རིག་གི་པར་རིས་ སྔོན་རྩིས་ཁ་གསལ་ཚུ་བཟོ་ནི།  

༢ འོས་འབབ་ཡོད་མེད་ཀྱི་དབྱེ་ཞིབ་དང་་བརྟག་ཞིབ་འབད་ནི། 

༣ རིན་བསྡུར་ཡིག་ཆ་བཟོ་ནི་དང་ དབྱེ་ཞིབ་འབད་ནི། 

༤ བཟོ་རིག་ལས་འགུལ་གྱི་གནས་ཚད་དང་སྒྲིགས་ལུགས་ཚུ་བསྟར་སྤྱོད་དང་འཛིན་སྐྱོང་འཐབ་ནི། 

༥ རྫོང་ཁག་གི་འཆར་དངུལ་དོན་ལུ་ བཟོརིག་གི་གནས་སྡུད་དང་སྔོན་རྩིས་ཚུ་ཕུལ་ནི། 

༦ བཟོ་རིག་ལས་སྣ་གི་ས་སྒོ་ནང་ལུ་ངོ་མ་སྦེ་སོང་སྟེ་ལྟ་རྟོག་འབད་ནི། 

༧ གནས་ཚད་དང་སྒྲིགས་ལུགས་ལུ་གནས་ཐབས་ངེས་བརྟན་བཟོ་ནི་ལུ་ བཟོ་རིག་གི་ལས་སྣ་ཚུ་ལྟ་རྟོག་འབད་ནི་ལུ་རྒྱབ་བསྐྱོར་དང་ རྫོང་ཁག་གི་གསལ་བཀོད་དང་འཁྲིལ་ནིའི་དོན་ལུ་ ལས་སྣ་བསྒྲུབས་ཚར་མི་ཚུ་ཞིབ་དཔྱད་འབད་ནི། 

༨ ལས་འགུལ་དང་ལས་རིམ་ཚུ་ལུ་སྤུས་ཚད་ ཚད་འཛིན་གྱི་ལྟ་བཀོད་འབད་ནི་དང་ ངོ་མ་ལག་ལེན་འཐབ་པའི་སྐབས་ལུ་ལྟ་རྟོག་འབད་ནི། 

༩ ས་སྒོ་ནང་ངོ་མ་སྦེ་དབྱེ་ཞིབ་འབད་ནི་དང་བཟོ་བསྐྲུན་གྱི་ལཱ་ག་ར་བཟོ་བཀོད་ཀྱི་པར་རིས་དང་འཁྲིལ་ཡོདཔ་ངེས་བརྟན་བཟོ་ནི།  

༡༠ ལསའགུལ་གྲོས་འཆར་གྱི་བཟོ་བསྐྲུན་པར་རིས་དང་སྔོན་རྩིས་ཚུ་ཞིབ་དཔྱད་འབད་ནི། 

༡༡ བཟོ་རིག་ལས་འགུལ་གྱི་ཁག་འབགཔ་ཚུ་ ལྟ་རྟོག་འབད་ནི་ལུ་རྒྱབ་བསྐྱོར་བྱིན་ནི། 

༡༢ ལཱ་ཚུ་གི་སྤུས་ཚད་ཞིབ་དཔྱད་དང་ བཟོ་རིག་གྱི་ལག་རྩལ་ཚད་བཟུང་འབད་ནི། 

༡༣ གྲོང་གསེབ་ཁྱིམ་བརྐྱབ་ནིའི་གནང་བ་སྤྲོད་ནི་འདི་ཡང་ བཟོ་རིག་སྡེ་ཚན་གྱི་གན་འཁུར་ཨིན།