རྗོང་ཁག་གི་སྐོར།

                                              སྤ་རོ་རྫོང་ཁག་ནང་བྱོན་པ་ལེགས་སོ།

འཆར་སྣང་།

སྤ་རོ་རྫོང་ཁག་ནང་ མི་སྡེའི་ཞབས་ཏོག་ཚུ་ དགོས་མཁོ་དང་འཁྲིལ་ ཁྱད་རིག་དང་ལྡན་པའི་ཐོག་ལས་ མི་སྡེའི་དཔལ་འབྱོར་འདྲ་མཉམ་ཐོག་ སྤུས་ཚད་ཅན་དང་་དུས་ཐོག་ཁར་ཕུལ་ཚུགས་ནི།

དམིགས་གཏད།

རྫོང་ཁག་འདི་ནང་ལུ་ མི་སྡེ་ཚུ་དབང་ཚད་ཕྱིར་སྤེལ་ལུ་རང་དབང་སྤྱོད་ཐོག་  རང་ལུགས་ལམ་སྲོལ་གྱི་ཕྱུག་པའི་ཁར་ དགའ་སྐྱིད་དང་ལྡན་པའི་ཐོག་ལུ་ མི་སྡེའི་དཔལ་འབྱོར་གོང་འཕེལ་འགྱོ་སྟེ་ཡོདཔ།

 

སྤ་རོ་རྫོང་ཁག་འདི་ རྒྱལ་ཁབ་ཀྱི་ནུབ་བྱང་ཁ་ཐུག་ལུ་ མཐོ་ཚད་ རྒྱ་མཚོ་ལས་ མཱི་ཀྲར་ ༢༢༥༠ ཀྱི་ས་གནས་ཁར་ ཆགས་ཏེ་ ཡོདཔ་ཨིན། ཧ་གི་ཁྱབ་ཚད་འབད་བ་ཅིན་ ཨིས་ཀུཡེར་ ཀི་ལོ་མི་ཀྲར་ ༡༢༩༣ དང་ མི་རློབས་ཀྱི་ཐད་འབད་བ་ཅིན་ ཡོངས་བསྡོམས་ ༣༥༢༦༠ དེ་ཅིག་ཡོད། བསིལ་དྲོད་ཀྱི་ཐད་ལུ་འབད་བ་ཅིན་ གནམ་འབྱ་ལུ་ དྲོད་ཚད་དྲི་གིར་ ༢༦་ལས་ ༡༤ ཚུན་དང་ གནམ་དགུན་ལུ་ དྲོད་ཚད་དྲི་གིར་ ༡༤་ལས་ མའི་ནསི་ ༥་ཚུན་ལུ་འགྱོཝ་ཨིན།

རྫོང་ཁག་འདི་གིས་ རྒྱལ་ཡོངས་ཀྱི་སྣུམ་འཁོར་ལམ་ ཕུན་ཚོགས་གླིང་དང་དང་ ཐིམ་ཕུག་ལུ་རྒྱུན་འཐུད་འབདཝ་ཨིན།  རྫོང་ཁག་ནང་འཁོད་འབད་བ་ཅིན་ རྫོང་ཁག་སྣུམ་འཁོར་ལམ་གྱི་ཁྱབ་ཚད་ ཀི་ལོ་མི་ཀྲར་ ༡༢༢ དང་ ས་ནམ་ཞིང་ལམ་གྱི་ཁྱབ་ཚད་་ཀི་ལོ་མི་ཀྲར་ ༣༡༡.༠༢ དེ་ཅིག་ཡོདཔ་ཨིན།

རྒྱལ་སྤྱིའི་གནམ་གྲུ་ཐང་ ཕུད་དོ་གཅིག་བས་མེད་མི་འདི་ཡང་རྫོང་ཁག་འདི་ནང་ཨིནམ་ལས་བརྟེན་ རྒྱལ་སྤྱི་དང་མཐུད་འབྲེལ་འབད་བའི་ས་ཁོངས་གལ་ཅན་ཅིག་ཨིན། དེ་གིས་འབད་སྤ་རོ་གྱི་ཚོང་པ་དང་ ས་ནམ་པ་ཚུ་ལུ་ཡང་ ཚོང་འབྲེལ་ལུ་བརྟེན་པའི་ཁེ་སང་གི་གོ་སྐབས་སྦོམ་རང་ཡོདཔ་ཨིན།

རྫོང་ཁག་འདི་གི་མངའ་འོག་ལུ་ ནང་འཁོད་སྡེ་ཚན་ ༡༧ དང་ རྒེད་འོག་ ༡༠ དེ་ལས་ རང་བཞིན་སླར་འབྱུང་འཐོན་བསྐྱེད་ཀྱི་རྒྱ་བསྐྱེད་ཡིག་ཚང་ ༡༠ ། དེ་བཟུམ་འབད་  འབྲིང་རིམ་སློབ་གྲྭ་གོང་མ་ ༢ དང་ སློབ་གྲྭ་ལྟེ་བ་ ༢ འབྲིང་རིམ་བར་མ་ ༤ འབྲིང་རིམ་འོག་མ་ ༥ སློབ་གྲྭ་ཆུང་བ་ ༧ སྒེར་གྱི་སློབ་གྲྭ་༩ བསྡོམས་ཏེ་ སློབ་གྲྭ་ཡོངས་བསྡོམས་ ༢༩ ཡོདཔ་ཨིན།།

རྫོང་ཁག་འདི་གི་གློག་རིག་ཁ་བྱང་ཐོག་ལས་ རྫོང་ཁག་དང་ རྒེད་འོག་གི་གནས་ཚུལ་ཕབ་ལེན་དང་ གནས་ཚུལ་ཤེས་རྟོགས་འབད་འདོད་ཡོད་མི་ཚུ་གེ་ར་གིས་་ ད་ལས་ཕར་ འཇམ་ཏོག་ཏོ་འབད་ བརྒྱུད་འབྲེལ་འབད་ཚུགས་ཟེར་ཞུ་ནི་ཨིན།

དེ་མ་ཚད་ རྫོང་ཁག་དང་འབྲེལ་བའི་ དོགས་གསལ་དང་ བསམ་འཆར་ གྲོས་འཆར་ཚུ་་བཀོད་འདོད་ཡོད་པ་ཅིན་  འོག་གི་གློག་རིག་ཁ་བྱང་ཐོག་ལུ་ གློག་རིག་བདག་སྐྱོང་དང་དང་གཅིག་ཁར་ འབྲེལ་བ་འཐབ་གནང་ཟེར་ཞུ་ནི་ཨིན།  kchoden@paro.gov.bt ཡང་ན་   bbgurung@paro.gov.bt  .

ང་བཅས་ཁ་ཐུག་ལས་ རྫོང་ཁག་གློག་རིག་ཁ་བྱང་འདི་ ལག་ལེན་འཐབ་མི་གེ་ར་ལུ་ གློག་རིག་གི་ཁེ་ཕན་ལུ་ བརྟེན་ སྤྲོ་བ་འབྱུང་བཅུག་ཟེར་བའི་རེ་སྨོན་དང་གཅིག་ཁར་ བཀྲིས་བདེ་ལེགས་ཟེར་ཞུ་ནི་ཨིན།

 

བཀ྄་ཤིས་བདེ་ལེགས།