བཙན་ཏོ།
ལོ་རྒྱུས་བཅུད་བསྡུ།
I. རྒྱབ་ཁུངས་
བཙན་ཏོག་རྒེད་འོག་བདག་སྐྱོང་གི་ཡིག་ཚང་དེ་ རྫོང་ཁག་ལྟེ་བ་ལས་ ཀི་ལོ་མི་ཊར་ ༡༤ འི་ས་གནས་ ཕྱོགས་བྱང་ཁ་ཐུག་ལུ་ རྒྱ་མཚོ་མཐའ་མར་ལས་ མཐོ་ཚད་ མི་ཊར་ ༢༠༠༠ ལས་ ༥༢༡༠ ཚུན་གྱི་ནང་འཁོད་ཆགས་ཏེ་འདུག། ས་གནས་ས་ཁོངས་ཀྱི་ རྒྱ་ཚད་ ༥༧༡.༡ ཡོད་པའི་གྲས་ལས་ བརྒྱ་ཆ་ ༢༠༩.༠༥ དེམ་ཅིག་ ནགས་ཚལ་གྱི་ཁྱབ་སྟེ་འདུག།
བཙན་ཏོག་རྒེད་འོག་གི་འོག་ལུ་ སྤྱི་གཡོག་ ༥ དང་ གཡུས་ཚན་ ༢༡ ཁྱིམ་གུང་པ་ ༤༨༧ ཡོད་པའི་ཁར་ གནམ་གཤིས་གནས་སྟངས་ བསིལ་དྲོད་ཀྱི་ཚད་ ༤-༡༧ དང་ ལོ་ལྟར་ཆར་ཆུ་འབབ་ཚད་ མི་ལི་མི་ཊར་ ༢༨༠ རེའི་རྩིས་ རྐྱབ་དོ་ཡོདཔ་ཨིན་མས།
རྒེད་འོག་ནང་འཁོད་ལུ་ ཕྱག་དང་མཆོད་པ་ཕུལ་སའི་ལྷ་ཁང་ གྱངས་ ༡༨ ཡོད་སར་ལས་ ལྷ་ཁང་ ༡ རྐྱངམ་ཅིག་ གཞུང་གི་བདག་དབང་ལུ་ཡོདཔ་མ་གཏོགས་ གཞན་ ལྷ་ཁང་ ༡༧ ག་ར་ མི་དམང་གི་ལྷ་ཁང་ཨིན་པས། བཙན་ཏོག་རྒེད་འོག་གིས་ མི་སེར་སོ་ནམ་ཞིང་ལམ་ ཁག་ ༣༡ སེལ་བའི་ཁར་ ཞིང་ལམ་ཀི་ལོ་མི་ཊར་ ༨༢ སེལ་མི་འདི་གིས་ མི་སེར་སོ་ནམ་པ་ཚུའི་ དངུལ་ཐོག་ལྡུམ་རས་ ཤིང་འབྲས་ཨེ་པཱལ་དང་ ཀེ་བ་ ཚོད་བསྲེ་ཀྱི་རིགས་ཚུ་ ཚོང་འབྲེལ་འཐབ་ནི་ལུ་ ཁེ་ཕན་དང་ མི་སེར་ག་ར་ ཡར་རྒྱས་གོང་འཕེལ་འགྱོ་བའི་སྒང་རང་འདུག།
II. གནས་བསྡུ།
1) |
ས་ཁོངས་ |
༥༧༥.༡ གྲུ་བཞི་དང་ རིང་ཚད་ |
2) |
མཐོ་ཚད་ |
༢༠༠༠-༥༢༡ མི་ཊར་ |
3) |
ནགས་ཚལ་གྱི་ཁྱབ་ཚད་ |
༡༤༦༠༣༧་ ཨེ་ཀར་ |
4) |
སྤྱི་འོག་གི་གྱངས་ཁ་ |
༥ |
5) |
གཡུས་ཚན་གྱི་གྱངས་ཁ་ |
༢༡ |
6) |
ཁྱིམ་གུང་གི་གྱངས་ཁ་ |
༤༨༧ |
7) |
མི་འབོར་ |
༥༢༥༣ |
8) |
ཕོ་ |
༣༡༧༡ |
9) |
མོ་ |
༢༠༨༢ |
10) |
དམིགས་བསལ་གྱི་དགོས་མཁོ་ |
༣༡༩ |
III. མཐུན་རྐྱེན་སྦྱར་ནི།
|
མཐུན་རྐྱེན་ |
གྱངས་ཁ་ |
རྒེད་འོག་གི་གཞི་བཙུགས་འགྲེལ་བཤད་ |
དྲན་གསོ་ |
1) |
རྒེད་འོག་ཡིག་ཚང་ |
༡ |
བྱི་ཙི་ཕུག་ལུ་ ༢༠༠༨ |
|
2) |
རང་བཞིན་སླར་འབྱུང་འཐོན་བསྐྱེད་ཡིག་ཚང་ |
༡ |
བྱི་ཙི་ཕུག་ལུ་ ༢༠༠༨ |
|
3) |
སློབ་གྲྭ་ |
༥ |
འབྲུག་རྒྱལ་འབྲིང་རིམ་སློབ་གྲྭ་གོང་མ་/འོག་མ་/ དབང་གསལ་སྤེལ་ཁང་/མགུ་གཉིས་རྩ་བ་དང་ རམ་ཕྱི་རྩེ་ཁ་ མི་སྡེ་སློབ་གྲྭ་ཆུང་བ་ |
|
4) |
གཞི་རྟེན་གསོ་བའི་སྡེ་ཕྲན་ |
༡ |
བྱི་ཙི་ཕུག་ |
|
5) |
སྨན་ཁང་བཙུགས་སའི་ལྟེ་བ་ |
༣ |
ཤར་རི་/ཤར་རི་ཟམ་ས་/གཡག་ས་ |
|
6) |
མི་སྡེ་ཞབས་ཏོག་ལྟེ་བ་ |
༡ |
རྒེད་འོག་ལྟེ་བ་ |
|
7) |
ཞིང་ཆུའི་ གཡུར་བ་ |
༢༢ འཆར་གཞི་ |
|
|
8) |
སོ་ནམ་ཞིང་ལམ་ |
༡༨ |
|
|
9) |
གཞུང་ལམ་ |
༡ |
|
|
10) |
ཟམ་པ་ |
༢༡ |
|
|
11) |
གློག་མེའི་མཐུན་རྐྱེན་ཐོབ་ཡོད་པའི་ གཡུས་ཚན་གྱི་གྱངས་ཁ་ |
༢༡་ག་ར་ |
|
|
12) |
གློག་མེའི་མཐུན་རྐྱེན་ཐོབ་ཡོད་པའི་ ཁྱིམ་གུང་གི་གྱངས་ཁ་ |
༤༨༧ ག་ར་ |
|
|
13) |
འཐུང་ཆུ་ བཀྲམ་སྤེལ་གྱི་ མཐུན་རྐྱེན་ཐོབ་ཡོད་པའི་ གཡུས་ཚན་གྱི་གྱངས་ཁ་ |
ལས་རིམ་ ༡༩ |
|
|
14) |
འཐུང་ཆུ་ བཀྲམ་སྤེལ་གྱི་ མཐུན་རྐྱེན་ཐོབ་ཡོད་པའི་ གཡུས་ཚན་གྱི་གྱངས་ཁ་ |
གུང་པ་ ༤༣༩ |
|
|
IV. ས་ཆ་བཀོལ་སྤྱོད།
|
ས་ཆ་བཀོལ་སྤྱོད་ཀྱི་ དབྱེ་བ་ |
ཨེ་ཀར་ |
1) |
སྐམ་ཞིང་ |
ཨེ་ཀར་ ༨༨༤.༡༢ |
2) |
ཆུ་ཞིང་ |
ཨེ་ཀར་ ༣༩༩.༧༣ |
3) |
ཚོད་བསྲེ་འཐོན་བསྐྱེད་ |
ཨེ་ཀར་ ༦.༤༥ |
4) |
ཤིང་འབྲས་འཐོན་བསྐྱེད་ |
ཨེ་ཀར་ ༦༦.༣ |