• ལོ་ལྔའི་འཆར་གཞི་དང་འཁྲིལ་ལོ་ལྟར་འཆར་གཞི་བརྩམ་ནི།

  • ཤེས་རིག་དང་འབྲེལ་བའི་སྲིད་བྱུས་དང་ འཆར་གཞི་ཚུ་ལག་ལེན་འཐབ་ནི།

  • སློབ་གྲྭ་ཁག་ཡར་རྒྱས་ལས་རིམ་དང་ འཆར་གཞི་འགོ་བཙུགས་ མཉམ་སྡེབ་འབད་ནི།

  • སློབ་གྲྭའི་སློབ་དཔོན་དང་ ལས་བྱེད་པ་ཚུ་ལུ་ཁྱད་རིག་གོང་འཕེལ་རྒྱབ་སྐྱོར་འབད་ནི།

  • སློབ་གྲྭ་དང་རྫོང་ཁག་ དེ་ལས་ ཕྱོག་སྡེ་དང་གཡོག་ཐོག་སྦྱོང་བརྡར་དང་ གྲོས་ཚོགས་འགོ་འདྲེན་འཐབ་ནི།

  • སློབ་གྲྭའི་དབུ་འཛིན་དང་སློབ་དཔོན་ཚུ་གི་ལཱ་གི་གྲུབ་འབྲས་ལྟ་རྟོག་དང་དབྱེ་ཞིབ་འབད་ནི།

  • སློབ་རིམ་དགུ་པ་དང་ བཅུ་གཅིག་པའི་སློབ་ཕྲུག་གསར་བཙུགས་འབད་ནི།

  • སློབ་དཔོན་བགོ་བཀྲམ་ཚུལ་མཐུན་འབད་ནི།

  • སློབ་ཕྲུག་ཚུ་ལུ་སློབ་སྟོན་དང་རྒྱབ་སྐྱོར་གྱི་ལས་རིམ་འགོ་འདྲེན་འཐབ་ནི།

  • སློབ་གྲྭའི་གཞི་རྟེན་མཐུན་རྐྱེན་ཚུ་གསར་སྒྲུབ་དང་ཉམས་བཅོས་འབད་ནི།

  • འཆར་དངུལ་འཚོལ་ཞིབ་ཀྱི་རྒྱབ་སྐྱོར་འབད་ནི།

  • མཁོ་ཆས་དང་འཛིན་ཆས་ཚུ་མཁོ་སྒྲུབ་དང་བཀྲམ་སྤེལ་གྱི་རྒྱབ་སྐྱོར་འབད་ནི།

  • ན་གཞོན་ལམ་སྟོན་དང་རང་ལུགས་ དེ་ལས་ རྩེད་རིགས་གོང་འཕེལ་གཏང་ནི།

  • སློབ་ཕྲུག་ཚུ་གི་དོན་ལུ་ ངལ་གསོའི་སྐབས་ཀྱི་ལས་རིམ་འགོ་འདྲེན་འཐབ་ནི།

  • སློབ་གྲྭའི་སོ་ནམ་ལས་རིམ་འགོ་འདྲེན་འཐབ་ནི་དང་ ལྟ་རྟོག་འབད་ནི།

  • གཞི་རྟེན་ཤེས་ཡོན་ལྟེ་བའི་ལས་རིམ་ལྟ་རྟོག་འབད་ནི།

  • སློ་གྲྭར་རྩ་གཞུང་ལག་ལེན་ལྷན་ཐབས་འབད་ནི་དང་ རྒྱལ་གཞུང་ཤེས་རིག་ཚོགས་སྡེ་ལུ་བསམ་ལན་བཀོད་ནི།