རྒྱབ་ཁུངས།
གྲོང་གསེབ་ས་ཆ་སྡེ་ཚན་གྱིས་ ས་ཆ་བདག་སྐྱོང་དང་འཛིན་སྐྱོང་ཀྱི་ཞབས་ཏོག་ཚུ་བྱིནམ་ཨིན། ལས་ཁུངས་འདི་ སྤྱི་ལོ་ ༡༩༦༠ རེ་གྲངས་ལུ་ སྡེ་ཚན་གཅིག་སྦེ་ གཞི་བཙུགས་འབད་ཡོདཔ་ལས་ རྙིང་ཤོས་ཅིག་ཨིན། སྡེ་ཚན་འདི་ས་འཇལ་གཙོ་འཛིན་ཡིག་ཚང་དང་གཅིག་ཁར་མ་བསྡོམས་པའི་སྔོན་མ་ དངུལ་རྩིས་ལྷན་ཁག་གི་འོག་ལུ་སྡོད་ནུག། སྡེ་ཚན་འདི་གིས་ ཆ་བཞག་ས་ཁྲམ་དང་ ས་ཆ་སྤོ་སོར་དང་འབྲེལ་བའི་ཡིག་ཆ་རྩ་ཅན་ཚུ་ བདག་འཛིན་འཐབ་ཨིན།
ལཱ་འགན།
-
ས་ཆ་སྤོ་སོར་གྱི་ལཱ་འབད་ནི།
-
ཆ་བཞག་ས་ཁྲམ་བདག་འཛིན་དང་དུས་མཐུན་བཟོ་ནི།
-
སྒེར་གྱི་ས་ཆ་མཁོ་སྒྲུབ་ཀྱི་རིམ་པ་བསྒྲིག་ནི།
-
ས་ཚབ་དང་རྒུད་འཐུས་སྤྲོད་ནིའི་ལཱ་འབད་ནི།
-
གཞུང་གི་ལས་སྡེ་དང་ཆོས་ཕྱོགས་ཀྱི་གཙུག་སྡེ་ཚུ་ལུ་ ས་ཆ་བགོ་བཀྲམ་གྱི་ལཱ་འབད་་ནི།
-
གཞུང་ས་དང་ གྲོང་གསེབ་ཀྱི་ས་ཆ་གཉིས་ བརྗེ་སོར་འབད་ནིའི་ལཱ་འབད་ནི།
-
རྩོད་ཉོག་ཚུ་བསལ་ནིའི་དོན་ལུ་ ས་ཁོངས་བདེན་དཔྱད་འགོ་འདྲེན་འཐབ་ནི།
-
ཞིབ་བཅུད་དང་སྙན་ཞུ་ཚུ་ལྷན་ཚོགས་ལུ་ཕུལ་ནི།
-
ལྷན་ཚོགས་དང་ ཉོག་སེལ་ཚོགས་ཆུང་གི་གྲོས་ཆོད་ཚུ་ལག་ལེན་འཐབ་ནི།
-
རྒྱལ་པོའི་གཟིམ་དཔོན་ཡིག་ཚང་ལས་ གནང་བའི་བཀོད་ཁྱབ་ཚུ་ བསྟར་སྤྱོད་འབད་ནི།
གཙོ་ཆེ་བའི་ཐོན་སྐྱེད་དང་ཞབས་ཏོག།
ཐོན་སྐྱེད།
-
ཆ་བཞག་ས་ཁྲམ་གྱི་རིམ་པ།
-
ལག་ཁྲམ།
-
རྫོང་ཁག་ས་ཁྲམ་དང་། དྲུང་ཁག་ས་ཁྲམ། ་རྒེད་འོག་ས་ཁྲམ།
-
དགོས་པ་སོ་སོ་གི་དོན་ལུ་ སའི་ཇོ་བདག་གི་སྒྲུབ་བྱེད།
-
ཁྲམ་གྱི་གནས་སྡུད་གཞི་མཛོད།
ཞབས་ཏོག།
-
ས་ཆ་ཚོང་འབྲེལ།
-
ཆ་བཞག་ས་ཁྲམ་འཛིན་སྐྱོང་།
-
རྒྱལ་ཡོངས་ཁེ་ཕན་གྱི་དོན་ལུ་ སྒེར་གྱི་ས་ཆ་མཁོ་སྒྲུབ་ཀྱི་རིམ་པ་བསྒྲིག་ནི།
-
ས་ཚབ་དང་རྒུད་འཐུས་ཚུ་བསྒྲིག་བྱིན་ནི།
-
གཞུང་གི་ལས་སྡེ་དང་ཆོས་ཕྱོགས་ཀྱི་གཙུག་སྡེ་ཚུ་ལུ་ ས་ཆ་བགོ་བཀྲམ་གྱི་རིམ་པ་བསྒྲིག་ནི།
-
རང་བཞིན་རྐྱེན་ངན་གྱིས་ གནོད་པ་རྐྱབ་ཡོད་པའི་གྲོང་གསེབ་ཀྱི་ས་ཆ་དང་ ལམ་མ་ཐལ་བའི་ས་ཆ་ཚུ་ གཞུང་ས་དང་གཅིག་ཁར་ བརྗེ་སོར་འབད་ནིའི་ལཱ་ཚུ་འབད་ནི།
-
རྩོད་ཉོག་ཚུ་བསལ་ནིའི་དོན་ལུ་ ས་ཁོངས་ནང་བདེན་དཔྱད་འབད་ནི།
-
ལྷན་ཚོགས་དང་ ཉོག་སེལ་ཚོགས་ཆུང་གི་གྲོས་ཆོད་ཚུ་ལག་ལེན་འཐབ་ནི།
-
རྒྱལ་པོའི་གཟིམ་དཔོན་ཡིག་ཚང་ལས་ གནང་བའི་བཀོད་ཁྱབ་ཚུ་ ལག་ལེན་འཐབ་ནི།