ཤེས་རིག།

 

  • ཤེས་རིག་ལས་སྡེ་གི་ལོ་ལྔའི་འཆར་གཞི་དང་ ལོ་བསྟར་འཆར་གཞི་བརྩམ་ནི།

  • རྒྱལ་ཡོངས་ཤེས་རིག་གི་སྲིད་བྱུས་དང་ འཆར་གཞི་ཚུ་ལག་ལེན་འཐབ་ནི།

  • སློབ་གྲྭ་གོང་འཕེལ་ལས་རིམ་གྱི་འཆར་གཞི་འགོ་བཙུགས་ནི་དང་མཉམ་སྡེབ་འབད་ནི།

  • སློབ་གྲྭ་ལུ་ཁྱད་རིག་གི་རྒྱབ་སྐྱོར་བྱིན་ནི།

  • སློབ་གྲྭ་དང་ཕྱོགས་སྡེ། རྫོང་ཁག་གི་གནས་ཚད་ཁར་ གཡོག་ཐོག་སྦྱོང་བརྡར་ལས་རིམ་/གྲོས་ཚོགས་/གོ་བསྡུར་ཞལ་འཛོམས་ཚུ་འགོ་འདྲེན་འཐབ་ནི།

  • སློབ་གྲྭའི་དབུ་འཛིན་དང་ སློབ་དཔོན་ཚུ་གི་ལཱ་གི་གྲུབ་འབྲས་ཚུ་ ལྟ་རྟོག་དང་དབྱེ་ཞིབ་འབད་ནི།I

  • སློབ་རིམ་དགུ་པ་དང་ བཅུ་གཅིག་པའི་སློབ་ཕྲུག་ཚུ་གསར་བཙུགས་འབད་ནི།

  • སློབ་དཔོན་བགོ་བཀྲམ་ཚུ་ཚུལ་མཐུན་སྦེ་འབད་ནི།

  • སློབ་ཕྲུག་ཚུ་ལུ་བསླབ་སྟོན་དང་ལམ་སྟོན་བྱིན་ནི།

  • སློབ་གྲྭའི་གཞི་རྟེན་མཁོ་ཆས་ཚུ་གསར་སྒྲུབ་དང་ཉམས་བཅོས་འབད་ནི།

  • འཆར་དངུལ་འཚོལ་སྒྲུབ་དང་དངུལ་འབྲེལ་གྱི་རྒྱབ་སྐྱོར་འབད་ནི།

  • སློབ་གྲྭའི་མཁོ་ཆས་ཚུ་བཀྲམ་སྤེལ་འབད་ནི།

  • ན་གཞོན་ལམ་སྟོན་དང་། རང་ལུགས་རྩེད་སྟོན། དེ་ལས་ རྩེད་རིགས་ལས་རིམ་ཚུ་་གོང་འཕེལ་གཏང་ནི།

  • སློབ་ཕྲུག་ཚུ་གི་དགུན་གྱི་ངལ་གསོའི་སྐབས་ཀྱི་ལས་རིམ་ཚུ་འཛིན་སྐྱོང་འཐབ་ནི།

  • སློབ་གྲྭའི་སོ་ནམ་ལས་རིམ་ཚུ་འཛིན་སྐྱོང་འཐབ་ནི།

  • གཞི་རྟེན་ཤེས་ཡོན་གྱི་ལས་རིམ་ཚུ་ལྟ་རྟོག་འབད་ནི།

  • མི་སྡེ་ལུ་ཕན་པའི་ལཱ་རིགས།

  • རྩ་གཞུང་ལག་ལེན་འཐབ་ནི་ནང་ལྷན་ཐབས་འབད་ནི་དང་ རྒྱལ་འཛིན་ཤེས་རིག་ཚོགས་སྡེ་ལུ་བསམ་ལན་ཚུ་བཀོད་ནི།