ཞི་བའི་ཐོ་བཀོད་དང་མི་རྩིས་སྡེ་ཚན་གྱིས་ གཤམ་གསལ་ཞབས་ཏོག་ཚུ་ཕུལཝ་ཨིན།
ཡོངས་འབྲེལ་ཞབས་ཏོག།
༡/ ཨ་ལོ་གསར་སྐྱེས་མི་རྩིས་ཐོ་བཀོད་འབད་ནི།
༢/ ཚེ་འདས་མི་རྩིས་བཏོག་ནི།
༣/ མི་ཁུངས་ངོ་སྤྲོད་ལག་འཁྱེར་དང་ དམིགས་བསལ་གནས་སྡོད་ཆོག་ཐམ་འགོ་ཐོག་གསརཔ་བཟོ་ནི།
༤/ མི་རྩིས་གནས་སོར།
༥/ མིང་གསལ་བསྒྱུར་བཅོས་དང་ སྐྱེས་ཚེས་ནོར་བཅོས་འབད་ནི།
༦/ མི་ཁུངས་ངོ་སྤྲོད་ལག་ཁྱེར་དང་དམིགས་བསལ་གནས་སྡོད་ཆོག་ཐམ་ གསར་ཚབ་བཟོ་ནི་/བྱང་སྟོར་ཚུ་ལོག་བཟོ་ནི་/ བསྐྱར་གསོ་འབད་ནི།
༧/ མི་ཁུངས་རང་སོའི་གནས་ཚུལ་བསྒྱུར་བཅོས་དང་དུས་མཐུན་བཟོ་ནི།
༨/ མི་ཁུངས་ངོ་སྦྱོར་སྤྲོད་ནི།
༩/ གཉེན་གྲོགས་ཀྱི་ཁ་གསལ་བསྒྱུར་བཅོས་དང་དུསམཐུན་བཟོ་ནི།
༡༠/ བཟའ་ཚང་ནང་མིའི་ཐོ་སྤྲོད་ནི།
༡༡/ ནང་མི་གཙོ་ཅན་བསྒྱུར་བཅོས་འབད་ནི།
ཡོངས་འབྲེལ་མེན་པའི་ཞབས་ཏོག།
༡/ མི་རྩིས་འཛགས་ལུས་ཀྱི་ཞིབ་དཔྱདའབད་དེ་ ལས་ཁུངས་ལྟེ་བ་ལུ་སྙན་ཞུ་ཕུལ་ནི།
༢/ མི་རྩིས་གཉིས་ལྟབ་ཀྱི་ཞིབ་དཔྱད་འབད་དེ་ ལས་ཁུངས་ལྟེ་བ་ལུ་སྙན་ཞུ་ཕུལ་ནི།
༣/ མི་ཁུངས་ངོ་སྤྲོད་ལག་ཁྱེར་དང་ དམིག་བསལ་གནས་སྡོད་ཆོག་ཐམ་ བསྡུ་ལེན་དང་བཀྲམ་སྤེལ་འབད་ནི།
༤/ ལོ་བསྟར་མི་རྩི་འགོ་འདྲེན་འཐབ་ནི།
༥/ མི་ཁུངས་ཞུ་ནི་གི་ཞིབ་སྙན་ཚུ་ ཕྱི་མི་ནང་སྐྱོད་ལས་ཁུངས་ནང་ཕུལ་ནི།