ཨྱོན་དཔལ་རི་ཕོ་བྲང་།

ཨྱོན་དཔལ་རི་ཕོ་བྲང་།

Ugyen Pelri Palace is located just near Paro Tshongdue Town beside the Pachu river

༉ ད་རེས་ སྤ་རོ་ལུ་ཡོད་པའི་ ཨྱོན་དཔལ་རི་ཕོ་བྲང་དེ་ རིན་སྤུངས་རྫོང་གི་འོག་ལུ་ སྤ་ཆུ་གི་ཉེ་འདབས་ ཚལ་མ་ཆུང་ཀུ་ཅིག་གི་སྦུག་ ས་གཞི་ཐང་དགའ་ཏོག་ཏོ་ཅིག་གི་ནང་ ཆགས་ཏེ་ཡོདཔ་ཨིན།  མི་རྗེ་ སྤ་རོ་དཔོན་སློབ་ཚེ་རིང་དཔལ་འབྱོར་མཆོག་གི་ཞབས་ལས་ གཞན་དང་མ་འདྲ་བའི་ཕོ་བྲང་ ཨྱོན་གུ་རུ་རིན་པོ་ཆེའི་ཞིང་ཁམས་དང་དབྱེ་བ་མེད་པར་ ཕོ་བྲང་ཡ་མཚན་ཆེ་ཏོག་ཏོ་ཅིག་ བཞེངས་གནང་ནུག་ཟེར་ཞུ་ནི་ལགས།

མི་རྗེ་ དཔོན་སློབ་མཆོག་ ཕོ་བྲང་བཞེངས་གནང་པའི་སྐབས་ ཁོ་རང་ གཏེར་བཏོན་པངྨ་གླིང་པའི་ རྣམ་སྤྲུལ་ངོ་མ་བཟུམ་སྦེ་རང་ ཐུགས་ཀྱི་དགོངས་བཞེད་ཚུ་གནངམ་མ་ཚད་ རིག་རྩལ་མཁས་པའི་ཕོ་བྲང་གི་བཟོ་བཀོད་ མཛེས་ཆ་དང་ལྡན་ཏོག་ཏོ་སྦེ་ མ་འོངས་པར་ དཔེ་བལྟ་བཏུབ་པའི་ཕོ་བྲང་ཅིག་ བཞེངས་ནིའི་དོན་ལུ་ བཟོ་བཀོད་དང་ བལྟ་རྟོག་གི་ ཕྱག་འགན་ཧྲིལ་པོ་ དཔོན་སློབ་ཁོ་རང་གིས་ མཛད་དེ་གནང་ནུག་ཟེར་ཞུ་ནི་ལགས།