ལྷ་ལྡིང་དགོན་པ།

ལྷ་ལྡིང་དགོན་པ།

 

༉ གནམ་ལོ་ཤིང་སྦྲུལ་ལོར་ རབ་འབྱུང་༥ པ་ནང་ བོད་ཤཱཀྱ་རིགས་བརྒྱུད་ལས་ མཚན་རྟགས་དང་ལྡན་པའི་མཁའ་འགྲོ་མ་ མེ་ཏོག་གསལ་སྒྲོན་དང་ དྲང་སྲོང་དཔའ་བོ་སྟག་གཤམ་ཅན་ཟེར་མི་གཉིས་ ས་གནས་མེ་ཏྲེ་བརྒལ་ཏེ་ འབྲུག་ལུ་ཕག་རི་ལམ་བརྒྱུད་དེ་བྱོན་ནུག། ཁོང་གཉིས་ ས་གནས་བཙན་ཏོག་ཞང་ཐང་ཟེར་མི་ནང་ལྷོདཔ་ད་དགུང་ཞག་གཅིག་བཞུགས་ནུག། ད་རེས་སྒྲ་ཟུར་ཉམས་ཏེ་ ས་གནས་དེ་ནང་ཟམ་ས་ཟེར་དར་ཏེ་ཡོདཔ་ཨིན། དགུང་ཞག་བཞུགས་པའི་ཉིནམ་དེ་ལུ་ གྲུབ་ཐོབ་ཀྱི་གཉིད་ལམ་ནང་ ལྷ་སྡིངས་ཀྱི་ས་གནས་དེ་ནང་ ལྷ་དང་ལྷ་མིན་དེ་ཚུ་གནམ་མཁའ་ཕུར་དེ་སྡོད་ས་གཟིགསཔ་ལས་ གྲུབ་ཐོབ་ཀྱི་ཐུགས་བསམ་ལུ་ ས་གནས་དེ་ནང་ ལྷ་དང་བླ་མ་ཚུ་གིས་ལྷ་ཁང་དེ་བཞེངས་བཞེངསམ་འོང་ནི་མས་མནོ་སྟེ་ མཁའ་འགྲོ་མའི་རྒྱུ་ནོར་ལོངས་སྤྱོད་ཚུ་ལག་ལེན་འཐབ་ཐོག་ལས་ ལྷ་ཁང་དེ་བཞེངས་གནང་ནུག། དེ་ལས་ ལྷ་ཁང་ནང་རྟེན་གྱི་དོན་ལས་ གྲུབ་ཐོབ་ཁོ་རའི་མི་སེར་ཚུ་ལོག་བོད་ལུ་གཏང་སྟེ་ ས་གནས་ཤཱཀྱ་ལས་ ཇོ་བོ་མེ་མཆོད་རྡོ་རྗེ་དེ་ཞུ་བར་གཏང་མི་དེ་ ད་ལྟོ་ལྷ་ཁང་གི་ ནང་རྟེན་གཙོ་བོ་སྦེ་མཇལ་ནི་ཡོདཔ་ཨིན།

ལྷ་ཁང་གི་བཟོ་བཀོད་དེ་ཡང་ ལྷ་ས་ཇོབོ་ཡིད་བཞིན་ནོར་བུའི་ལྷ་ཁང་དང་དབྱེ་བ་མེདཔ་སྦེ་ཡོདཔ་ཨིན།  དེ་ལས་ གྲུབ་ཐོབ་བླམ་སྟག་གཤམ་ཅན་དང་ མཁའ་འགྲོ་མེ་ཏོག་གསལ་སྒྲོན་གཉིས་ ལྷ་ཁང་དེ་ནང་བཞུགས་གནང་ནུག།

དུས་ད་ལྟོ་བར་ན་ཡང་ ལྷ་ཁང་དེ་བྱིན་རླབས་ཅན་དང་རྩ་ཅན་གཅིག་འབདཝ་ལས་ ལྷ་ཁང་དེ་མཇལ་བ་ཙམ་གྱིས་ ངན་སོང་གསུམ་གྱི་སྡུག་བསྔལ་ལས་གྲོལ་དེ་ ཐར་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ནུས་པ་ཡོདཔ་མ་ཚད་ སྐྱེ་བ་༣༠༠ གི་ལས་སྒྲིབ་བསགས་མི་ཚུ་ཡང་དག་ཚུ་པའི་ཕན་ཡོན་ཡོད་ཟེར་བཤད་སྲོལ་འདུག།