རྫོང་ཁག་བརྡ་དོན་འཕྲུལ་རིག་ལས་ཚན་གྱི་འགན་ཁུར་གཤམ་གསལ་ལྟར།

  • རྫོང་ཁག་བདག་སྐྱོང་གི་ནང་འཁོད་ཡོངས་འབྲེལ་ཚུ་འཛིན་སྐྱོང་འབད་བའི་ཁར་ རྒེད་འོག་ ༡༠ གྱི་མི་སྡེའི་ལྟེ་བ་ཚུ་གི་གློག་རིག་ཡོངས་འབྲེལ་གྱི་རྒྱུན་ལམ་ཚུ་འཛིན་སྐྱོང་འབད་ནི། 

  • གློག་རིག་ཡོངས་འབྲེལ་འཆར་སྒོ་ཚུ་དུས་མཐུན་བཟོ་ནི།

  • བརྡ་དོན་འཕྲུལ་རིག་གི་དམིགས་གསལ་གྱི་ བྱ་སྒོ་དང་། སྲིད་བྱུས་ལམ་སྟོན།  གོ་དོན། ལག་ལེན་རིམ་པ་ཚུ་ཧ་གོ་སྟེ་ལག་ལེན་འཐབ་ནི།

  • བརྡ་དོན་འཕྲུལ་རིག་གི་ ལུང་ཕྱོགས་ཀྱི་ལས་འགུལ་དང་ ལས་འཆར་ཚུ་ནང་འོས་འབབ་ཡོད་པའི་ ལུང་ཕྱོགས་ཀྱི་སྲིད་བྱུས་ཚུ་ གསར་བཟོ་འབད་དེ་ལག་ལེན་དོན་ལུ་་བྱིན་ནི།

  • གཞིས་ཚོང་རྐྱབ་མི་ཚུ་དང་གཅིག་ཁར་ མཉེན་ཆས་ཉོ་ཚོང་གི་བདེ་སྒྲིག་འབད་ནི་ནང་བཅའ་མར་གཏོགས་ནི།  མཁོ་སྒྲུབ་འབད་ཡོད་པའི་ཆོག་ཐམ་ཚུ་ལྟ་རྟོག་འབད་ནི།

  • གློག་རིག་རིམ་ལུགས་ཀྱི་དཀའ་ངལ་ཚུ་བསལ་ནི་གི་དོན་ལུ་ དཀའ་ངལ་བརྟག་དཔྱད་རིམ་ལུགས་ཚུ་གོང་འཕེལ་གཏང་ནིའི་ནང་ འགོ་འདྲེན་འཐབ་ནི་དང་། རིམ་ལུགས་མོ་བཏབ་འབད་ནིའི་ནང་བཅའ་མར་གཏོགས་ནི།

  • རིམ་ལུགས་བདག་སྐྱོང་ལུ་ འཕྲུག་རིག་འགོ་འཛིན་དང་ལྟ་བཀོད་པའི་རྒྱབ་སྐྱོར་བྱིན་ནི།

  • འཕྲུལ་ཆས་གསརཔ་ ཡང་ན་ སྤུས་ཚད་ཡར་སེང་རྐྱབ་ཡོད་པའི་ཅ་ཆས་དང་མཉེན་ཆས་ཚུ་དབྱེ་ཞིབ་འབད་ནི་དང་ འདི་ཚུ་གིས་ལས་སྡེ་ལུ་ ཕན་པ་དང་གནོད་པ་ཚུ་ངོས་འཛིན་འབད་ནི། 

  • རིམ་ལུགས་མཁོ་སྒྲུབ་དང་། གོང་འཕེལ། ལག་ལེན་གྱི་གྲོས་འཆར་ཚུ་འགོ་འདྲེན་འཐབ་ནི།

  • ཡོངས་འབྲེལ་འཛིན་སྐྱོང་རིམ་ལུགས་མཉེན་ཆས་ཚུ་ བཙུགས་སྒྲིག་འབད་ནི། བརྟག་དཔྱད་འབད་ནི། རྒྱུན་སྐྱོང་འབད་ནི།

  • ཡར་སེང་འབད་ཡོད་པའི་ཡོངས་འབྲེལ་བཀྲམ་འཕྲུལ་གྱི་ཐོན་ཤུགས་ཚུ་དབྱེ་ཞིབ་འབད་ནི་དང་ ལས་སྡེ་ལུ་མཁོ་བའི་གློག་རིག་དང་བརྡ་དོན་ཚུ་དབྱེ་དཔྱད་འབད་ནི།

  • གློག་རིག་རིམ་ལུགས། གདམ་ཁ་ཅན་གྱི་གློག་རིམ། གློག་རིམ་གཞན་ཚུ་ནང་དམིགས་བསལ་གྱི་དཀའ་ངལ་ཚུ་བསལ་ནི་ཡང་ན་ ལས་རིམ་སྒྱུར་བཅོས་འབད་ནིའི་ལཱ་འབད་ནི་དང་ གྲོས་སྟོན་འབད་ནི།

  • ས་གནས་ཡོངས་འབྲེལ་འཛིན་སྐྱོང་འདི་ བརྡ་དོན་བརྒྱུད་འབྲེལ་དང་འཕྲུལ་རིག་ལས་སྡེ་གིས་འབདཝ་ཨིན། 

 

བརྡ་དོན་བརྒྱུད་འབྲེལ་དང་འཕྲུལ་རིག་ལས་སྡེ་གིས་རྫོང་ཁག་གི་ལས་བྱེདཔ་དང་ མི་སྡེ་ལྟེ་བའི་ལས་བྱེདཔ་བརྩིས་ཏེ་ རྒེད་འོག་གི་ལས་བྱེདཔ་ཚུ་ལུ་ དུས་རྒྱུན་དུ་བརྡ་དོན་བརྒྱུད་འབྲེལ་དང་འཕྲུལ་རིག་གི་གནད་དོན་ཚུ་ལུ་ འཕྲུལ་རིག་གི་ཞབས་ཏོག་བྱིན་ནི། བརྡ་དོན་བརྒྱུད་འབྲེལ་དང་འཕྲུལ་རིག་ལས་སྡེ་གིས་ཡང་ ལས་སྡེ་གཞན་ཚུ་བཟུམ་སྦེ་ ལྟ་བཀོདཔ་གིས་གནང་བའི་འགན་ཁུར་ཚུ་ ཁྱད་རིག་དང་འཇོན་ཐང་ཅན་སྦེ་ དུས་རྒྱུན་དུ་འབད་བའི་ཁར་ རྒྱལ་ཡོངས་ཀྱི་ལས་རིམ་རྩ་ཆེ་དྲགས་ཚུ་ནང་ བཅའ་མར་གཏོགསཔ་ཨིན།

 ས་གནས་ཡོངས་འབྲེལ་འཛིན་སྐྱོང་འདི་ བརྡ་དོན་བརྒྱུད་འབྲེལ་དང་འཕྲུལ་རིག་ལས་སྡེ་གིས་འབདཝ་ཨིན། (pic. courtesy: internet; https://techterms.com/definition/lan)

 

    Downloads

    Entertainment Licence Forms and Guidelines for Reality Show Programme

    File
    Attachment Size
    Annexure A Application for Places of Entertainment.pdf 830.69 KB
    Annexure D Guidelines for Preparing Proposal for Reality Show Programme.pdf 552.46 KB
    Schedule C Recommendation Form For Issuance Of License For Establishment Of Places Of Entertainment.pdf 697.74 KB
    Annexure E Renewal Of License For Places of Entertainment.pdf 427.74 KB

    Staff