སྤ་རོ་ཚེས་བཅུའི་སྐོར།

སྤྱིར་བཏང་ ཡོངས་གྲགས་ཅན་དང་ བྱིན་བརླབས་ཆེ་བའི་ སྤ་རོ་ བར་བསྐོར་ཚོགས་དྲུག་གི་ ཚེས་བཅུ་མེན་མོ་དེ་ ལོ་ལྟར་བཞིན་དུ་ རང་ཟླ་ ༢ པའི་ཚེས་ ༡༡ ལས་འགོ་བཙུགས་ ཚེས་ ༡༥ ཚུན་གྱི་རིང་ལུ་  རིན་སྤུངས་རྫོང་གི་རྡོ་གཅལ་འོག་མའི་ནང་ལུ་འབད་ བྱིན་ཅན་གི་ནང་འཆམ་ཚུ་ མཇལ་ཁ་གནང་དོ་ཡོདཔ་མ་ཚད་ ཉིན་གྲངས་༤འི་རིང་ བདེ་ཡངས་ཁར་ལུ་ སྐུ་འཆམ་དངོས་གཞི་ཚུ་ ཉིན་ལྟར་བཞིན་ མི་དམངས་ལུ་ མཇལ་ཁ་གནང་སྟེ་ གྲངས་༥འི་རིང་ལུ་ གནང་སྲོལ་ཡོད།   ཨིན་རུང་ ཚེས་བཅུ་འདི་ རང་ཟླ་ ༢ པའི་ཚེས་ ༡༠ ལུ་ ས་གནས་རྫོང་བྲག་ཁ་ལས་འགོ་བཙུགས་ཞིནམ་ལས་ ཚེས་ ༡༦ ལུ་ ཡང་བསྐྱར་ རྫོང་བྲག་ཁ་ལུ་སྦེ་ སྐུ་འཆམ་ཚུ་ མཇལ་ཁ་གནང་སྟེ་ ཚེས་བཅུ་ཆེན་མོ་འདི་ གྲོལ་གནངམ་ཨིན།

ཡོངས་གྲགས་ཅན་གྱི་ སྤ་རོ་ཚེས་བཅུའི་སྐབས་ སྤ་རོ་བར་སྐོར་འཚོགས་དྲུག་གི་མི་སེར་ཚུ་དང་ རྫོང་ཁག་གཞན་ཁར་ལས་ མི་སེར་མང་རབ་ཅིག་ སྤུངས་འཛོམས་འབད་དོ་ཡོདཔ་མ་ཚད་ ཕྱིའི་རྒྱལ་ཁབ་ཀྱི་བལྟ་བཤལ་པ་དང་ སྐུ་མགྲོན་ཚུ་ རང་ལུགས་ཀྱི་རྒྱན་ཆས་ཚུ་ གཟབ་སྤྲོས་འདིག་སྟེ་ ཚེས་བཅུ་མཇལ་བར་འོང་དོ་ཡོདཔ་ཨིན།   རྫོང་ཁག་གཞན་ཁར་ལས་ མི་སེར་མང་རབ་ཅིག་སྤུངས་འཛོམས་འབད་དེ་ འོང་དགོ་མི་དེ་ཡང་ ཚེས་བཅུའི་སྐབས་ བྱིན་བརླབས་ཆེ་བའི་སྐུ་འཆམ་ དགེ་འཆམ་དང་ བོད་འཆམ་ ཞབས་ཁྲ་སྣ་ཚོགས་དང་ སྤ་རོ་ལུང་ཕྱོགས་ཀྱི་ འོ་ཆུ་པའི་གཞས་ཚུ་ མཇལ་ཁ་ཞུ་བར་བྱོན་དོ་ཡོདཔ་ཨིན། 

ལྷག་པར་དུ་ བྱིན་བརླབས་ཆེ་བའི་ ཞལ་འབབ་མང་རབ་ཅིག་ ཚེས་བཅུའི་སྐབས་ མཇལ་ཁ་ཞུ་ཚུགས་པའི་ཁར་ རང་ཟླ་ ༢ པའི་ཚེས་ ༡༥ འི་དྲོ་པ་ སྨོན་ལམ་གང་བཏབ་ཀྱི་ གུ་རུ་རིན་པོ་ཆེའི་མཐོང་གྲོལ་ཆེན་མོ་ མཇལ་ཁ་གནང་སྟེ་ ལོ་ལྟར་ སྤ་རོ་ཚེས་བཅུ་ཆེན་མོ་དེ་ གྲོལ་གནངམ་ཨིན་པས། 

Thongdrel Chenmo
ཐག་རིང་ས་ལས་ཀྱི་མི་སེར་ཚུ་ཡང་ སྡིག་སྒྲིབ་དག་ནི་དང་ བྱིན་རླབས་ཐོབ་ནིའི་དོན་ལུ་ མཐོང་གྲོལ་མཇལ་བ་འོང་དོ་ཡོདཔ་ཨིན།