ཚེ་བྲག་དགོན་པ་ཟེར་མི་འདི་ སྤ་རོ་རྫོང་ཁག་ ནགས་རྒྱ་རྒེད་འོག་ ཚེ་དགོན་སྤྱི་འོག་གི་ནང་ལུ་ གནས་ཕུག་སྤྲུལ་སྐུ་ རྣམ་གྲོལ་རྡོ་རྗེ་མཆོག་གི་ཞབས་ལས་ དགོན་པ་ཕྱག་བཏབ་གནངམ་མ་ཚད་ དུས་རབས་ ༡༤ པའི་ནང་ལུ་ གཏེར་བཏོན་ཤེས་རབ་མེ་འབར་མཆོག་གིས་ ས་གནས་དེ་ཁར་ལས་ ཚེ་དཔག་མེད་ཀྱི་སྐུ་ཅིག་ གཏེར་བཞེངས་གནངམ་ལས་ དགོན་པ་དེ་ སྔར་བ་ རྩ་ཅན་དང་ བྱིན་བརླབས་ཅན་ཅིག་སྦེ་ བརྩི་མཐོང་བསྐྱེད་དེ་ འདུག་ཟེར་ཞུ་ནི་ཨིན་ལགས།