• རྫོང་བདག་གི་བཀོད་རྒྱ་དང་འཁྲིལ་ཏེ་ རྫོང་ཁག་གི་ལས་སྡེ་ཚུ་ལུ་དྲི་བ་དང་། སྒྲིག་གཞི། ལག་ལེན། གནད་དོན་གཞན་ཚུ་གི་ནང་ ཁྲིམས་དང་འབྲེལ་བའི་གནད་དོན་སྐོར་ལས་འཐོནམ་ད་ ཁྲིམས་དོན་གྱི་ཞབས་ཏོག་བྱིན་ནི།

  • རྫོང་ཁག་བདག་སྐྱོང་ལུ་མཁོ་བའི་ཁྲིམས་དང་ནང་ཁྲིམས་ ཀྱི་ཟིན་བྲིས་འཐབ་ནི་ནང་གྲོགས་རམ་འབད་ནི།

  • རྫོང་བདག་གི་བཀོད་རྒྱ་དང་འཁྲིལ་ཏེ་ རྫོང་ཁག་བདག་སྐྱོང་། རྫོང་ཁག་ཚོགས་འདུ། རྒེད་འོག་ཚོགས་སྡེ་དང་གཞན་ཡང་གཞུང་གི་ཡིག་ཚང་ཚུ་ལུ་ཁྲིམས་དང་འབྲེལ་བའི་གྲོས་སྟོན་འབད་ནི།

  • རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་རྫོང་བདག་གི་བཀོད་རྒྱ་ཡང་ན་གྲོས་སྟོན་གྱི་ཐོག་ལས་ རྫོང་ཁག་ནང་ལུ་ཁྲིམས་ཀྱི་བརྡ་དོན་ཚུ་སྤེལ་ཏེ་ གོ་བ་བརྡ་སྤྲོད་འབད་ནི།

  • དགོས་མཁོ་དང་འཁྲིལ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ཧོངས་ལས་ རྩོད་བཤེར་གྱི་དོན་ལུ་ཁྲིམས་འདུན་ལུ་བཅར་ནི།

  • རྫོང་ཁག་བདག་སྐྱོང་ཡིག་ཚང་ ཡང་ན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ངོ་ཚབ་སྦེ་ ཞི་རྩོད་ཀྱི་དོན་ལུ་ཁྲིམས་འདུན་ལུ་བཅར་ནི།

  • ཞིབ་དཔྱད་སྡེ་ཚན་ཡང་ན་ཚོགས་ཆུང་ལུ་ དགོས་མཁོ་དང་འཁྲིལ་ཏེ་ ཁྲིམས་དོན་གྱི་གྲོས་སྟོན་འབད་ནི།

  • ཁྲིམས་ཚུ་བསྡུ་སྒྲིག་འབད་ནི།

  • ཁྲིམས་དང་འབྲེལ་བའི་གོ་བསྡུར་ཞལ་འཛོམས་དང་། གྲོས་ཚོགས། གྲོས་འཛོམས་ཚུ་ནང་ རྫོང་ཁག་བདག་སྐྱོང་གི་ངོ་ཚབ་སྦེ་བཅའ་མར་གཏོགས་ནི།

  • བཙག་འཐུའི་རྩོད་རྙོག་བདེ་འགྲིག་ཚོགས་ཆུང་གི་འཐུས་མི་ཅིག་འབད་བ་ལས་བརྟེན་ བཙག་འཐུ་གི་ལཱ་འགན་འབག་ནི།

  • གོང་མའི་བཀའ་དང་འཁྲིལ་ གཞུང་འབྲེལ་གྱི་ལཱ་གཞན་ འབད་དགོཔ་སྦེ་གནང་མི་ཚུ་ ཕྱག་ཞུ་ནི།

 

Downloads

Nothing to download in this sector.

Staff

No staff in this sector.