ལཱ་འགན་དང་འགན་དབང་།
-
ཅ་ཆས་མཁོ་སྒྲུབ་དང་། ལཱ་དང་ཞབས་ཏོག་གི་བྱ་རིམ་ཚུ་ཚུལ་མཐུན་དང་ དྲང་བདེན་གྱི་ཐོག་ལས་འབད་ནི་གི་དོན་ལུ་ མཁོ་སྒྲུབ་ཀྱི་བཅའ་ཡིག་དང་ གཞན་ཡང་འབྲེལ་ཡོད་ཀྱི་བཅའ་ཡིག་ཚུ་དང་འཁྲིལ་འབད་ནི།
-
ཅ་ཆས་མཁོ་སྒྲུབ་ཀྱི་ལཱ་དང་ཞབས་ཏོག་གི་དོན་ལུ་ ཅ་ཆས་ངོས་འཛིན་ལས་འགོ་བཙུགས་ཏེ་ རིན་བཀོད་པ་གདམ་འཐུ་འབད་ནི་ཚུན་ མཁོ་སྒྲུབ་ཀྱི་བྱ་རིམ་ག་ར་འཛིན་སྐྱོང་འབད་ནི། དེ་ནང་ རིན་བསྡུར་ཡིག་ཆ་བཟོ་ནི། རིན་བསྡུར་གསལ་བསྒྲགས་འབད་ནི། རིན་བསྡུར་ཚོགས་ཆུང་ཞལ་འཛོམས་འཚོག་ནི། རིན་བསྡུར་ཚོགས་ཆུང་གི་འཐུས་མི་དྲུང་ཆེན་འབད་ནི་ཚུ་ཚུདཔ་ཨིན།
-
ཅ་ཆས་མཁོ་སྒྲུབ་ཀྱི་སྐབས་ལུ་ འཛིན་ཤོག་བདེན་དཔྱད་དང་ འབྱོར་རྟགས་ཚུ་དུས་ཚོད་ཁར་སྤྲོད་ནིའི་འགན་ཁུར་འབག་དགོ།
-
ལས་སྡེ་གིས་ཅ་ཆས་དང་རྒྱུ་དངོས་མཁོ་སྒྲུབ་འབད་ཡོད་མི་ཚུ་ཐོ་བཞག་ནི་དང་ དགོས་མཁོ་མེད་པའི་ཅ་ཆས་ཚུ་ཚུལ་མཐུན་སྦེ་རྩིས་སྤྲོད་འབད་ནིའི་འགོ་འདྲེན་འཐབ་ནི།
-
ལས་སྡེ་གི་དོན་ལུ་ ལོ་བསྟར་མཁོ་སྒྲུབ་འཆར་གཞི་བཟོ་ནི། དགོས་མཁོ་དང་འཁྲིལ་ཏེ་འཆར་གཞི་དུས་མཐུན་བཟོ་ནི། ཆ་འཇོག་འབད་ཡོད་པའི་ལོ་བསྟར་མཁོ་སྒྲུབ་འཆར་གཞི་དང་འཁྲིལ་ཏེ་ མཁོ་སྒྲུབ་ཀྱི་ལཱ་ཚུ་འབད་ནི།
-
མཁོ་སྒྲུབ་ཀྱི་ལཱ་དང་ཞབས་ཏོག་གི་ཐད་ཁར་ འབྲེལ་ཡོད་ལས་སྡེ་ཡང་ན་ འགོ་དཔོན་ཚུ་ལས་ ཁྱད་རིག་དང་ལྡན་པའི་ཡིག་ཆ་ཚུ་ལེན་ནི་དང་ དེ་ཡང་ རིན་བསྡུར་ཡིག་ཆ་ནང་ཚང་དགོ་པའི་འགན་ཚད། གྱངས་ཁ་གི་འཛིན་ཤོག། ཅ་ཆས་ཀྱི་ཁ་གསལ་ཚུ་ དགོས་མཁོ་དང་འཁྲིལ་ཏེ་ལེན་ནི།
-
ལས་སྡེ་གཞན་ཚུ་ལུ་ དགོས་མཁོ་དང་བསྟུན་ཏེ་ ཁག་འབག་འཛིན་སྐྱོང་ཀྱི་ལཱ་དང་ ཁག་འབག་ཞབས་ཏོག་ཚུ་གི་སྐོར་ལས་ ལམ་སྟོན་བྱིན་ནི།
-
ཅ་ཆས་བཞག་སའི་མཛོད་ཁང་གི་ཤོང་ཚད་དང་འཁྲིལ་ཏེ་ མཛོད་ཐོའི་འཆར་གཞི་བཟོ་ནི་དང་། ཅ་ཆས་སྤྲོད་ལེན་ཡར་དྲག་གཏང་ནི། ཅ་ཆས་ཚུ་དུས་ཐོག་ལུ་སྤྲོད་ཡོད་མེད་ཀྱི་ལཱ་ཚུ་ལྟ་རྟོག་འབད་ནིའི་ནང་ཞབས་ཏོག་ཕུལ་ནི།
-
དགོས་མཁོ་དང་འཁྲིལ་མཛོད་ཆས་རྒྱུན་སྐྱོང་དང་ འབྲེལ་ཡོད་ལས་བྱེདཔ་ཚུ་གིས་ཅ་ཆས་ཚུ་བསག་སྟེ་བཞག་ཡོད་མེད་ ལྟ་རྟོག་འབད་དེ་ངེས་བརྟན་བཟོ་ནི།
-
ལས་སྡེ་ལུ་ མཁོ་གྲུབ་དང་འབྲེལ་བའི་གནད་དོན་ག་ཅིག་གི་ཐོག་ལུ་ཨིན་རུང་ བསླབ་སྟོན་དང་ལམ་སྟོན་བྱིན་ནི།
-
ཅ་ཆས་བཀྲམ་སྤེལ་འབད་མི་དང་རིན་བཀོད་པ་གི་གྱངས་ཁ། ཚོང་ཁྲོམ་ནང་ཅ་ཆས་ཡོད་མེད། རིན་བཀོད་པ་གི་ལྕོགས་གྲུབ་ཚུ་གི་སྐོར་ལས་དུས་མཐུན་སྦེ་བཞག་ནི།
-
ཅ་ཆས་ཀྱི་ཚེའི་སྔོན་རྩིས། ཡུན་བརྟན་མཁོ་སྒྲུབ། ཐོན་སྐྱེད་ཚུ་ལེགས་ཤོམ་སྦེ་ལག་ལེན་འཐབ་ནི་དང་ དེ་མཚུངས་ཀྱི་གནད་དོན་གཞན་ཚུ་ནང་ རྒྱལ་སྤྱིའི་གནས་ཚད་ནང་ལག་ལེན་བཟང་པོ་ཡོད་མི་ཚུ་དང་མཐུནམ་སྦེ་བཟོ་ནི།
-
དངུལ་རྩིས་ལྷན་ཁག་ལུ་ཕུལ་ནི་གི་དོན་ལུ་ ལོ་བསྟར་མཁོ་སྒྲུབ་ཀྱི་སྙན་ཞུ་བཟོ་ནི།
-
གོང་མ་ཚུ་གིས་སྤྲོད་པའི་ལས་འགན་གཞན།