སྟག་ཚང་ཟངས་མདོག་དཔལ་རི།

སྟག་ཚང་ཟངས་མདོག་དཔལ་རི།

སྟག་ཚང་ཟངས་མདོག་དཔལ་རི།

ཧེ་མ་ རབ་འབྱུང་གཉིས་པའི་ནང་ རྒྱ་གར་གྱི་གྲུབ་ཐོབ་ ཕ་དམ་པ་སངས་རྒྱས་ཟེར་མི་འདི་གིས་ འབྲུག་ལུ་ཆོས་སྒྲུབ་པར་ལུ་བྱོན་ནུག། ཁོ་གིས་རྒྱལ་ཁབ་ཀྱི་གནས་རྩ་ཅན་མང་རབ་ཅིག་ནང་བྱོན་ཏེ་ ནང་པ་སངས་རྒྱས་ཀྱི་ཆོས་སྒྲུབ་བཞུགས་ནུག། དེ་བཟུམ་སྦེ་ ཁོ་གིས་སྤ་རོ་ལུ་ཡང་བྱོན་ཏེ་ གུ་རུ་གིས་སྒྲུབ་པ་གནང་སའི་ས་གནས་ནང་ལུ་སྒོམ་གནང་སྟེ་བཞུགས་ནུག། ད་རེས་ནངས་པ་ སྒྲུབ་ཁང་འདི་ནང་ལུ་ གྲུབ་ཆུ་དང་ རྡོ་ཆུང་ཀུ་གཅིག་གུ་ ཁོ་གི་ཞབས་རྗེས་ཚུ་མཇལ་ནི་ཡོདཔ་ཨིན། སྒྲུབ་ཁང་འདི་གི་སྦོ་ལོག་ཁར་ལུ་ རྡོ་གཅིག་ དོན་ཧིང་ཀྱི་བཟོ་རྣམ་བཟུམ་ཅིག་ཡོད་མི་འདི་གུ་  ཕ་དམ་པ་སངས་རྒྱས་ཀྱིས་ ལྷ་ཁང་རབ་གནས་གནང་པའི་ཐུགས་ཞེད་བཞེས་གནང་ཡི་ཟེར་ཨིན་པས།

ཤུལ་ལས་ ཞབས་དྲུང་གི་ཐུགས་སྲས་ ཡང་སྲིད་བཞི་པ་ ངག་དབང་འཇིགས་མེད་ནོར་བུ་གིས་ སྤ་རོ་དཔོན་སློབ་ལྷག་པ་འབོ་ཞིནམ་ གསོལ་རས་མང་རབ་ཅིག་གནང་སྟེ་  ཕ་དམ་པ་སངས་རྒྱས་ཀྱིས་ རབ་གནས་གནང་པའི་ཐུགས་ཞེད་གནང་མིའི་ལྷ་ཁང་འདི་ ཁོ་གིས་སྦེ་བཞེངས་ནིའི་ཁས་བླངས་འབད་བཅུག་ནུག། དེ་དང་འཁྲིལ་ གནམ་ལོ་ ༡༨༥༣ ལོར་ དཔོན་སློབ་ཀྱིས་ སྤ་རོ་གི་མི་སེར་ཚུ་དང་ཅིག་ཁར་མཉམ་འབྲེལ་འབད་དེ་ ད་རེས་མཇལ་ནི་ཡོད་པའི་ ཟངས་མདོག་དཔལ་རི་ལྷ་ཁང་འདི་བཞེངས་གནང་ནུག། ལྷ་ཁང་འདི་ ནང་རྟེན་བྱིན་ཅན་ཡོད་པའི་གུ་རུ་གི་དྲན་རྟེན་ངོ་མ་གཅིག་ཨིན། དེ་གིས་མ་ཚད་ ལྷ་ཁང་འདི་  ག་ནི་བ་ཡ་མཚན་ཅན་ཅིག་ཨིནམ་དང་ མཇལ་མི་ཚུ་ཡང་ ས་སྟེང་འདི་ནང་ ཞིང་ཁམས་ངོ་མ་སྦེ་ཆགས་ཡོད་པའི་འཚོར་སྣང་འབྱུང་ཚུགས་པའི་ཁར་ དད་མོས་ཅན་གྱི་ ས་གནས་ཡོངས་གྲགས་ཅན་ཅིག་ལུ་གྱུར་ཏེ་ཡོདཔ་ཨིན། 

རང་ལུགས་ཆུ་སྦྲུལ་  གནམ་ལོ་ ༡༨༥༨ ལུ་ ལྷ་ཁང་འདི་མེ་གིས་བཞེས་པའི་ཤུལ་ལས་ཉམས་གསོ་ཞུ་ནུག། ཨིན་རུང་ ཧེ་མའི་ལྷ་ཁང་ངོ་མ་བཟུམ་ སྦོམ་སྦེ་མཇལ་ནི་མེདཔ་ཨིན། ལྷ་ཁང་འདི་གི་ མི་ཀྲར་དག་པ་ཅིག་གི་འོག་ལུ་མ་གཅིག་སྒྲུབ་ཁང་ཡོདཔ་ཨིན། སྒྲུབ་ཁང་འདི་ནང་ ཕ་དམ་སངས་རྒྱས་དང་སློབ་མ་ མཁའ་འགྲོ་འབུམ་གྱི་མཚོ་མོ་ མ་གཅིག་ལགཔ་གི་སྒྲོལ་མ་གིས་སྦ་བཞག་པའི་གུ་རུ་གི་གསུང་རྟེན་ཚུ་ཡོདཔ་ཨིན། སྒྲུབ་ཁང་སྐོར་ར་བརྐྱབ་སྟེ་ ཞབས་རྗེས་དང་གྲུབ་ཆུ་ཡོད་མི་ཚུ་ ལྷ་ཁང་མེ་གིས་བཞེས་པའི་སྐབས་འཚིག་སོང་ནུག།