ལོ་འབག་འདི་རང་ཟླ་ ༡༠ པའི་ཚེས་ ༢༩ ལས་ རང་ཟླ་ ༡༡ པའི་ཚེས་ ༣ ཚུན་བརྩི་སྲུང་འབདཝ་ཨིན། དེ་སྦེ་བརྩི་སྲུང་འབད་དགོ་མི་འདི་ཡང་ ལོ་འབག་སྤ་རོ་ལུ་ཡོངས་གྲགས་ཡོད་པའི་དུས་སྟོན་ཅིག་ཨིན། ཟླཝ་ ༡༠ པའི་ཚེས་ ༢༩ གི་ཕྱི་རུ་ལོ་གཅིག་གི་རྐྱེན་ཟློག་པའི་ཆེད་དུ་གླུད་བསྐྱལ་ནི་གི་སྲོལ་ཡང་ཡོདཔ།
དེ་ཚེ་ཕྱི་རུ་ བཟའ་ཚང་ནང་མི་ཚུ་ག་ར་ཚངམ་སྦེ་ འཛོམ་དགོ་དོ་ཡོདཔ་ཨིན། རྫོང་ཁག་གི་ཁ་ཐུག་ལས་ ཟླཝ་ ༡༡ པའི་ཚེས་ ༡ ལས་ ༣ ཚུན་ ངལ་གསོ་བཞག་གནངམ་ཨིན། ཉིནམ་འདི་ མཛར་ཅུམ་ཟ་ནི་དང་ མདའ་རྩེ་ནི་གི་དོན་ལུ་ཡང་ཨིན་མས། ཨ་ལུ་ཚུ་ ཨ་རིང་ནང་དང་ རྒས་ཤོས་ཚུ་ འབའ་སྐྱོར་ནང་ལུ་ མདའ་རྩེ་ས་མཐོང་ཚུགསཔ་ཨིན།