༉ རིན་སྤུངས་ཆ་འདུས་ བཙན་ཏོག་རྒེད་འོག་ལུ་ཆགས་ཡོད་པའི་འབུམ་བྲག་ལྷ་ཁང་དེ་ དུས་རབས་༡༡ པའི་ནང་ ཡུམ་རྡོ་རྗེ་ཕག་མོ་མཆོག་ ས་གནས་དེ་ནང་གཟིགས་ཞིབ་བྱོན་པའི་ཤུལ་ལས་ལྷ་ཁང་དེ་བཞེངས་གནང་ནུག། ལྷ་ཁང་དེ་ སྟག་ཚང་དཔལ་ཕུག་ལས་ ཆུ་ཚོད་༣
འདེ་ཅིག་ཁ་ཡར་ལྟ་སྟེ་ རྐང་ཐང་འབད་འགྱོ་དགོཔ་ཨིན། ལྷ་ཁང་གི་མཚན་འབུམ་བྲག་ཟེར་ཞུ་མི་དེ་ཡང་ ས་གནས་དེ་ནང་ མཁའ་མགྲོ་འབུམ་གྱི་ཞབས་རྗེ་མཇལ་ནི་ཡོདཔ་ལས་ འབུམ་བྲག་ལྷ་ཁང་ཟེར་མཚན་གསོལ་གནང་ནུག་ ལྷ་ཁང་དེ་ནང་ ནང་རྟེན་གཙོ་བོ་ ཡུམ་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་ རྡོ་རྗེ་ཕགམོའི་སྐུ་འདྲ་དེ་ཨིན་པས།
ལྷ་ཁང་གི་གཡོན་ཁ་ཐུག་ བྲག་གུ་ ཞབས་རྗེ་ཆུང་ཀུ་སྦེ་མཇལ་ནི་ཡོད་མི་དེ་ སླབ་སྲོལ་གཅིག་ལས་འབད་བ་ཅིན་ མཁའ་འགྲོ་འབུམ་གཅིག་ས་གནས་དེ་ནང་ འཕུར་ཏེ་བྱོན་བྱོནམ་ཨིནམ་སྦེ་བཤད་སྲོལ་འདུག། ལྷ་ཁང་གི་འོག་ལུ་གྲུབ་ཆུ་ཡོད་མི་དེ་གིས་ གཟུགས་ལུ་ན་ཚ་ཕོགས་མི་ཚུ་དྲག་ནིའི་ནུས་པ་ཡོདཔ་དང་ ཡང་སྐར་མ་༣༠ འདེ་ཅིག་རྐང་ཐང་འབད་འགྱོ་བའི་ས་ཁར་ གུ་རུ་རིན་པོ་ཆེའི་དབུ་ཞྭམོ་
དང་ ཨ་ལོའི་ཕུངམ་ཚུ་བྱ་རྒོད་ལུ་གཏང་སའི་ས་གནས་དུར་ཁྲོད་ གོང་འོག་བར་༣ ཚུ་མཇལ་ཚུགས་དོ་ཡོདཔ་ཨིན།