སྤ་རོ་རྫོང་ནང་ལུ་ རྫོང་ཁག་ཁྲིམས་ཁང་བརྩིས་ཏེ་གཞུང་གི་ཡིག་ཚང་ཚུ་གིས་མ་དོ་བར་ རིན་སྤུངས་རབ་སྡེ་ཡང་བཞུགས་ཏེ་ཡོདཔ་ཨིན། རབ་སྡེ་འདི་ནང་ བླམ་གནས་བརྟན་གྱི་དབུ་བཞུགས་ཐོག་ལས་ དགེ་སློང་ཞལ་གྲངས་ ༣༠༠ དེ་ཅིག་བཞུགས་ཡོདཔ་ཨིན།
བླམ་གནས་བརྟན་དང་འཕགས་པ་དགེ་འདུན་པ་ཚུ་གིས་ སྤྱིར་འགྲོ་བ་སེམས་ཅན་ག་ར་གི་དོན་ལུ་ ལྷ་ཁང་དང་མགོན་ཁང་ཚུ་ནང་ ཚེས་བཅུ་དང་སྒྲུབ་མཆོད་ལ་སོགས་པའི་ཆོས་ཕྱོགས་ཀྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་སྟེ་མཛད་གནངམ་ཨིན། ལྷ་ཁང་རེ་རེ་ནང་ལུ་ ཉིན་བསྟར་བཞིན་དུ་གསོལ་མཆོད་ཕུལ་ནི་དང་ ནང་རྟེན་རྩ་ཅན་ཚུ་བདག་འཛིན་འབད་ནིའི་དོན་ལུ་ དཀོན་གཉེར་དང་རྐང་རྒྱུགཔ་རེ་བཀལ་ཏེ་ཡོདཔ་ཨིན།


འདུ་ཁང་འདི་དགེ་འདུན་པ་ཚུ་གསུང་ཆོག་གྱི་རིམ་པ་ཚུ་གནང་ས་དང་ ཀུན་རྭ་འདི་ དགེ་སློང་ཆུང་ཀུ་ཚུ་ དཔེ་ཆ་ལྷབ་སྦྱངས་འབད་ས་ཨིན་མས།
ལྷ་ཁང་དང་མགོན་ཁང་གི་ཐོ་ཚུ་གཤམ་གསལ་ལྟར།
|
ཨང་ |
ལྷ་ཁང་མཚན། |
ས་གནས། |
|
༡ |
བཀའ་བརྒྱུད་བླམ་ལྷ་ཁང་། |
དབུ་རྩེ་གོང་མ། |
|
༢ |
ཚེ་དཔག་མེད་ལྷ་ཁང་། |
དབུ་རྩེ་ནང་། |
|
༣ |
གུ་རུ་མཚན་བརྒྱད་ལྷ་ཁང་། |
དབུ་རྩེ་ནང་། |
|
༤ |
སྒྲོལ་མ་ལྷ་ཁང་། |
དབུ་རྩེ་ནང་། |
|
༥ |
མགོན་ཁང་། |
དབུ་རྩེ་ནང་། |
|
༦ |
གཏེར་སྟོན་ལྷ་ཁང་། |
དབུ་རྩེ་ནང་། |
|
༧ |
མི་འཁྲུགཔ་ལྷ་ཁང་། |
ཁྲིམས་ཁང་ནང་འགྱོ་སའི་ལམ་ཁར། |
|
༨ |
ཕྱག་མཛོད་ལྷ་ཁང་། |
རྡོ་ཆལ་འོག་མ། |
|
༩ |
ཀུན་དགའ་རྭ་བ། |
རྡོ་ཆལ་འོག་མ། |
|
༡༠ |
འདུ་ཁང། |
རྡོ་ཆལ་འོག་མ། |
|
༡༡ |
རྣམ་སྲས་ལྷ་ཁང་། |
རྫོང་འོག་མ་ཐོག་བར་མ་ནང་། |
|
༡༢ |
བཙན་མཆོད་རྟེན་ལྷ་ཁང་། |
རྫོང་འོག་མའི་དབུ་རྩེ་ནང་། |
|
༡༣ |
ལྷ་ཁང་གསར་བུ། |
རྡོ་ཆལ་གོང་མ་ནང་། |
|
༡༤ |
ཕྱག་རྡོར་ལྷ་ཁང་། |
རྡོ་ཆལ་གོང་མ། |
|
༡༥ |
ལྷ་མོའི་མགོན་ཁང་། |
རྡོ་ཆལ་གོང་མ། |
|
༡༦ |
དཀར་གསལ་ལྷ་ཁང་། |
རྫོང་གི་ཕྱི་ཁ། |
|
༡༧ |
བཅུ་གཅིག་ཞལ་ལྷ་ཁང་། |
བདེ་ཡངས་ཁ་ལུ། |