སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༢ པའི་ སྤྱི་ཚེས་ ༡༨ ལུ་ མི་རྗེ་གསོ་བའི་བློན་པོ་མཆོག་གི་དབུ་བཞུགས་ཐོག་ སྤ་རོ་རྫོང་ཁག་གི་ རྫོང་བདག་དང་ གསོ་བའི་སྨན་བཅོས་གཙོ་འཛིན་འགོ་དཔོན་ རྫོང་ཁག་གསོ་བའི་འགོ་དཔོན་ བརྡ་དོན་འཕྲུལ་རིག་འགོ་དཔོན་ཚུ་གི་བར་ན་ འབྲུག་ཀོ་ཝིཊ་ ༡༩ གི་སྨན་ཁབ་སྐོར་གློག་ཐོག་ཞལ་འཛོམས་ཅིག་འགོ་འདྲེན་འཐབ་ཅི། དེ་གི་ཤུལ་ལས་ རྫོང་ཁག་བདག་སྐྱོང་གི་ཁ་ཐུག་ལས་ ལུང་ཕྱོགས་ཁག་གི་འགོ་དཔོན་དང་ རྒེད་འོག་བདག་སྐྱོང་འགོ་དཔོན་ དེ་ལས་ རྫོང་ཁག་སྡེ་ཚན་འགོ་དཔོན་ཚུ་ལུ་ གོ་བ་བརྡ་སྤྲོད་འབད་ཡི། རྫོང་ཁག་ཞལ་འཛོམས་ཁང་ནང་ལུ་སྦེ་ གོ་བརྡའི་ལས་རིམ་འདི་དྲོ་པ་འགོ་འདྲེན་འཐབ་ཡོདཔ་དང་ དེ་ཚེ་ཉིམ་ཕྱེད་ལསརྒེད་འོག་གི་རྒཔོ་དང་དམངས་མི་ བདག་སྐྱོང་འགོ་དཔོན་ གཞན་རྒེད་འོག་གི་གཞུང་གཡོགཔ་ཚུ་ལུ་ གློག་ཐོག་གི་ཞལ་འཛོམས་ཐོག་ལས་སྦེ་གོ་བརྡ་སྤྲོད་ཅི།
དེ་གི་སྐབས་ བཅའ་མར་གཏོགས་མི་ཚུ་ལུ་ རང་སོའི་ཡིག་ཚང་དང་ རྒེད་འོག་ནང་ལུ་ཡང་ གོ་བརྡ་སྤེལ་དགོཔ་སྦེ་སླབ་ཡོདཔ་དང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགུང་ལོ་ ༤༡ བཞེས་པའི་རྟེན་འབྲེལ་བརྩི་སྲུང་དང་འབྲེལ་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༢ པའི་སྤྱི་ཚེས་ ༢༡ ལུ་ འབྲུག་སྨན་ཁབ་ཀྱི་ལམ་ལུགས་འདི་འགོ་འབྱེད་རྟེན་འབྲེལ་མཛད་ཚར་བའི་ཤུལ་ལུ་ རྫོང་ཁག་ནང་འཁོད་ནང་སྡོད་མི་ མི་ཡོད་ཚད་ཅིག་ལུ་ ལམ་ལུགས་འདི་ནང་ལུ་ཐོ་བཀོད་འབད་བཅུག་དགོཔ་སྦེ་བསླབ་ཡོདཔ་ཨིན།
(https://bvs.moh.gov.bt).
The awareness program for Regional Heads and Sectoral Heads were conducted in the Dzongkhag Conference Hall in the morning while for the gewog officials comprising of Gup, Mangmi, Gewog Administrative Officers and other gewog staff were conducted via Zoom Meeting in the afternoon.
The participants were further directed to rollout the awareness program in their respective offices and gewogs to have all individuals residing in Paro Dzongkhag to be registered in the Bhutan Vaccine System (https://bvs.moh.gov.bt) following the launch made on 21st February, 2021 coinciding with the 41st Birth Anniversary of His Majesty The King.