27 March 2021

༉ ད་རེས་རྒྱལ་ཡོངས་སྨན་ཁབ་འགོ་བཙུགས་རྟེན་འབྲེལ་དང་འབྲེལ་ ང་བཅས་སྤ་རོ་རྫོང་ཁག་ལུ་ཡང་ སྤ་རོ་ཚེས་བཅུ་ཆེན་མོ་ཉིམ་༤ པའི་ཚེས་བཅུ་ལས་རིམ་དང་འབྲེལ་ རྒྱལ་ཡོངས་སྨན་ཁབ་ལས་རིམ་དེ་ཡང་ ཉི་མ་ཆུ་ཚོད་༡༡ འདེ་ཅིག་ཁར་ རིན་སྤུངས་རབ་སྡེའི་བླམ་གནས་བརྟན་དབུ་བཞུགས་ཐོག་ ལྷ་བསང་ཁྲུས་གསོལ་གནང་སྟེ་ རྫོང་ཁག་དང་ རྒེད་འོག་༡༠ ག་ར་ནང་ལུ་ སྨན་ཁབ་ལས་རིམ་འགོ་བཙུགས་ཡོདཔ་ཨིན།  ཉིནམ་དེ་ལུ་ དང་པ་རང་ མི་རྗེ་དངུལ་རྩིས་བློན་པོ་མཆོག་གིས་སྨན་ཁབ་བཞེས་གནང་སྟེ་འགོ་བཙུགས་ཅི། དེ་གི་ཤུལ་ལས་ རིན་སྤུངས་རབ་སྡེའི་བླམ་གནས་བརྟན་དང་ རྫོང་བདག་ ཆེ་བསྟོད་ཅན་གྱི་འཐུས་མི་བཅས་ རིམ་པ་བཞིན་དུ་ དྲང་དཔོན་ རྫོང་རབ་ རྒྱལ་གཞུང་འགག་སྡེའི་འགོ་བདག་ རིན་སྤུངས་རབ་སྡེའི་དགེ་སློང་ རྫོང་ཁག་སྡེ་ཚན་འགོ་དཔོན་དང་ ལས་བྱེདཔ་ཚུ་ལུ་ ས་གནས་བདེ་ཡངས་ཁ་ལུ་སྦེ་སྨན་ཁབ་བཙུགས་ཡོདཔ་དང་  ཉིནམ་དེ་ལུ་ སྨན་ཁབ་ཡོངས་བསྡོམས་༤༣༡༧ འདེ་ཅིག་བཙུགས་ཡོད་པའི་གནས་ཚུལ།