རྫོང་ཁག་བདག་སྐྱོང་ཀྱིས་ རྒེད་འོག་བདག་སྐྱོང་དང་ ལུང་ཕྱོགས་ཡིག་ཚང་ སློབ་གྲྭ་ཁག་ དེ་ལས་ ཚོང་པ་ཚུ་གི་རྒྱབ་སྐྱོར་ཐོག་ སྤྱི་ལོ་༢༠༢༡ སྤྱི་ཟླ་ ༦ པའི་སྤྱི་ཚེས་༡༢ ལུ་ཕྱགས་བརྡར་ལས་རིམ་ཅིགའགོ་འདྲེན་འཐབ་ཡོདཔ་ཨིན། ཕྱགས་བརྡར་ལས་རིམ་དེ་ཡང་ རང་སོའི་མཐའ་འཁོར་དང་ ལྷག་པར་དུ་ ཆུ་འཛོམས་ལས་འབྲུག་རྒྱལ་ཚུན་གྱི་གཞུང་ལམ་བདའ་སྟེ་ཡོད་པའི་ ཕྱགས་སྙིགས་ཚུ་བསྡུ་ལེན་འབད་ཐབས་ལུ་དམིགས་ཏེ་ཨིན། ཉིནམ་དེ་ལུ་ ཕྱགས་སྙིགས་ཡོངས་བསྡོམས་ སྣུམ་འཁོར་ཀྲག་ ༢༠ ལྷགཔ་ཅིག་་བསྡུ་ལེན་འབད་ཡོདཔ་ཨིན། རྫོང་ཁག་བདག་སྐྱོང་གིས་ ཤུལ་ལས་འཕྲོ་མཐུད་དེ་ ཟླ་རིམ་བཞིན་དུ་ ཕྱགས་བརྡར་ལས་རིམ་འགོ་འདྲེན་འཐབ་ནི་ཨིནམ་ལས་ འབྲེལ་ཡོད་ཡོངས་ཀྱིས་ རྒྱབ་སྐྱོར་གང་དྲག་་མཛད་གནང་འོང་མནོ་བའི་རེ་བ་ཡོད།