02 June 2021

བརྡ་དོན་འཕྲུལ་རིག་དང་ རྫོང་ཁག་གོང་འཕེལ་འགོ་དཔོན་ཚུ་ལུ་ ས་གནས་སྟག་ཚང་གནས་སྒར་ནང་ལུ་སྦེ་ ཉིན་གྲངས་གསུམ་གྱི་རིང་ གློག་རིག་འཆར་སྒོའི་ སྐད་གཉིས་ཟུང་འབྲེལ་གྱི་སྦྱོར་བརྡར་ཅིག་འགོ་འདྲེན་འཐབ་ཅི། སྦྱོང་བརྡར་འདི་ བརྡ་དོན་འཕྲུལ་རིག་འགོ་དཔོན་དང་མཉམ་འབྲེལ་འབད་དེ་ སྤ་རོ་རྫོང་ཁག་བདག་སྐྱོང་གི་ རྫོང་ཁ་ངོ་ཚབ་འགོ་དཔོན་ སྲོལ་འཛིན་འགོ་དཔོན་གཙོ་བོ་གིས་འགོ་འདྲེན་འཐབ་ཡོད།

འབྲུག་གི་མི་སེར་ལུ་ ཡོངས་འབྲེལ་གྱི་ཐོག་ལས་ ཀུན་ཚང་ཞབས་ཏོག་དེ་ཚུ་ཁྱབ་ཆེ་དྲག་སྦེ་ཕུལ་ནི་གི་དོན་ལུ་ སྐད་གཉིས་ཟུང་འབྲེལ་གྱི་དམ་ཁ་ཕུལ་དགོཔ་དེ་ ག་ནི་བ་གལ་ཆེ་ཤོས་ཅིག་ཨིན་པས།

སྦྱོང་བརྡར་འདི་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ རྒྱལ་ཡོངས་སྐད་ཡིག་ཉམས་སྲུང་དང་གོང་འཕེལ་གཏང་ནི་གི་དམིགས་ཡུལ་དང་འཁྲིལ་ཏེ་ཨིན།

 

རང་གི་ཁ་སྐད་སོརན་ རང་གི་མནོ་ལུགས་སྒྱུར། ཀལ་ཨལ་བེཆེཊི།

“Change your language and you change your thoughts” - Karl Albrecht