02 June 2021

ད་རེས་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༦ པའི་སྤྱི་ཚེས་ ༢ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་དང་འབྲེལ་ མི་སྡེའི་ནགས་ཚལ་གྱི་ཉིནམ་བརྩི་སྲུང་ཞུ་གནང་ཡི། ཉིནམ་འདི་ཁར་ སྟོང་ཕུ་དང་ ཙན་དན་ ཕད་ཙི་ སི་སི་ ཅ་ལམ་ ཤིང་འབྲས་ཀྱི་ལྕངམ་ཚུ་བཙུགས་ཏེ་བརྩི་སྲུང་ཞུ་ཡི།

རྫོང་བདག་ངོ་ཚབ་ཀྱིས་དབུས་གཙོས་པའི་ རྫོང་ཁག་བདག་སྐྱོང་གི་ཞི་གཡོགཔ་ཚུ་གིས་ རྣལ་འབྲོག་ལུ་ཡོད་པའི་མདའ་རྩེད་ཐང་གསརཔ་གི་ནང་ལུ་སྦེ་ ཤིང་བཙུག་ནི་གི་ལས་རིམ་ནང་ བཅའ་མར་གཏོགས་ཡོད།

 

Offtg. Dzongdag marking the occasion by planting a tree sapling at the archery range.